ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསེར་ཁྲིར་མངའ་གསོལ་དུས་སྟོན་ ཁྱད་པར་ཅན་དང་བསྟུན་ སག་སྟེང་རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་ མེ་རག་སློབ་གྲྭ་ཆུ་བ་དང་ མཉམ་འབྲེལ་ཐོག་ བཀྲིས་སྒང་མེ་རག་ལུ་ ཉིནམ་༡ གི་རིང་ གླིང་འཛིན་པ་ན་ཆུང་གི་ ལས་རིམ་ཅིག་ འགོ་འདྲེན་་འཐབ་སྟེ་ སྡེ་ཕྲན་གཞི་བཙུགས་འབད་མི་དེ་ཡང་ ན་གཞོན་ཚུ་གི་རྒྱུད་ལུ་ སྐྱེ་ལྡན་སྣ་ཚོགས་དང་ མཐའ་འཁོར་གནས་སྟངས་ནང་ལས་ཡང་ དམིགས་བསལ་དུ་ རབ་ཆད་ཉེན་ཡོད་པའི་ ཧ་ཅུང་གདོང་དཀར་ ཉམས་སྲུང་འབད་དགོ་པའི་ ཤེས་ཡོན་སྤྲོད་ནི་དང་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་པའི་གནས་ཚུལ།
