ཁ་ཙ་ཉིན་མར་ བཀྲིས་སྒང་མཁའ་གླིང་རྒེད་འོག་ བར་གཤོང་ལས་ སྐྱེས་ལོ་༥༨ ལང་མི་ ཕོ་སྐྱེས་ཅིག་ སྣུམ་འཁོར་མ་རུ་ཏི་བེན་བདའ་སྟེ་ ཡོན་ཕུ་ལ་ ཁེང་སྟོང་མ་ནི་ལུ་ལྷོདཔ་ད་ རྦོབ་རིལ་ཡར་སོཔ་ལས་ ཁ་འཐུམས་མར་ བསད་ཡོདཔ་ད་ ཚེ་འདས་དེ་ ལམ་འགྲུལཔ་གཞན་༤ འབག་སྟེ་ བཀང་ལུང་ལས་ བར་གཤོང་ལུ་ འགྱོ་བའི་སྐབས་ རྐྱེན་ངན་བྱུང་ཡོདཔ་ཨིན་པས། ལམ་འགྲུལཔ་༤ ཆ་ར་ལུ་ གནོད་སྐྱོན་སྦོམ་བྱུངམ་ལས་ སྨན་ཁང་ནང་ བསྐྱལ་ཡོད་པའི་གནས་ཚུལ།
