གནས་ཚུལ་མདོར་བསྡུས།

བཀྲིས་སྒང་རྫོང་ཁག་ མེ་རག་ལུ་ ཐགས་འཐག་ནིའི་ ལམ་སྲོལ་དེ་ གོང་འཕེལ་གྱི་ འགྱུར་བ་ལུ་བརྟེན་ ཉམས་འགྱོ་དོ་ཡོདཔ་ཨིན་པས། དེ་ཡང་ ད་རེས་ནངས་པར་ ས་ཁ་མཐོ་སའི་ས་གནས་ མེ་རག་ལུ་ འཐག་མཁནམ་དག་པ་ཅིག་ལས་བརྒལ་ མེད་མིའི་གྲས་ལས་༡ སྐྱེས་ལོ་༦༢ ལང་མི་ པདྨ་གཡུ་སྒྲོན་དེ་ཨིན་པས།
མོ་གིས་ བཙུགས་ཕྲུག་མལ་ཆ་འཐགཔ་བཞིན་དུ་ མོ་ལུ་ གདོང་ལེན་སྦོམ་ཤོས་ར་ བལ་སྐུད་ཐོབ་མ་ཚུགས་མི་ལས་ བྱུང་དོ་ཡོད་མི་དེ་ཡང་ མེ་རག་ལུ་ ལུག་གསོ་སྐྱོང་འབད་མི་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
པདྨ་གཡུ་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོང་ལུ་ ལུག་༣༠༠ ལྷགཔ་ཅིག་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ གཡག་དག་པ་གཅིག་མ་གཏོགས་ ལུག་ཕུད་རྡོག་གཅིག་ཡང་མེད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *