གནས་ཚུལ་མདོར་བསྡུས།

ད་རིས་ལས་འགོ་བཙུགས་ སྤྱི་ཚེས་༡༢ ཚུན་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ཨིནམ་ད་ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ བཙག་འཐུའི་འགོ་དཔོན་ཚུ་གིས་ ལྷ་ཐབས་ས་ཁོངས་གྲ་སྒྲིག་འབད་ཡོདཔ་བཞིན་དུ་ ལྕང་གླིང་མི་ཐང་གི་ ལྷན་ཐབས་ས་ཁོངས་༨ ཡོད་མིའི་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༠,༠༠༠ ཡོད་མི་དེ་ ལྷན་ཐབས་ས་ཁོངས་༦༥ དང་ ཚོགས་རྒྱན་བཙུགས་མིའི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་་ཚུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཚུ་ནང་ རང་གིས་གདམ་ཁ་ རྐྱབ་ཡོད་པའི་ ས་གནས་ཁར་ ཚོགས་རྒྱན་ངོས་འཛིན་འདྲ་པར་འབག་སྟེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༧ གྱི་ ནང་འཁོད་ལུ་ འགྱོ་དགོཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *