བང་ལ་དེཤ་གཞུང་ལས་ ལྗིད་ཚད་མེ་ཊིག་ཊཱན་༣༥ འབད་མི་ ཉེར་མཁོ་སྨན་རིགས་ཀྱི་ དོས་ཆས་དང་པ་དེ་ ཁ་ཙ་ བུ་རི་མ་རི་ས་ཐོག་སྐྱེལ་འདྲེན་ས་ཁོངས་ནང་སྦེ་ ཌ་ཀ་ལ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་དང་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ རྩིས་ལེན་ཡོདཔ་ད་ དོས་ཆས་ལྷན་ལུས་ཚུ་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་ ད་ལྟོ་བཟུམ་མའི་ སྐྱེལ་འདྲེན་ལམ་ལུགས་ཐོག་ལས་ རྩིས་སྤྲོད་ནི་ཨིན་པས།
ཉེལ་མཁོའི་སྨན་རིགས་མ་འདྲཝ་༢༥༨ ཡོད་མི་ཚུ་ དུས་ཅིའི་ལོ་མཇུག་ལུ་ འབྲུག་རྒྱལ་ཁབ་ནང་ སྐྱེལ་སྤྲོད་འབད་ནི་ཨིནམ་ད་ སྨན་རིགས་ཚུ་ཡང་ སྤྱི་ཟླ་༤ པའི་ནང་ བང་ལ་དེཤ་མི་སེར་རྒྱལ་ཁབ་ཀྱི་བློན་ཆེན་ ཨམ་ཤེག་ཧ་སི་ན་མཆོག་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ལུ་བྱོནམ་ད་ ཁས་ལེན་འབད་ཡོད་པའི་གནས་ཚུལ།
