ཁ་ཙ་ ཐིམ་ཕུག་ལུ་ ལོ་བསྟར་གཱོལ་ཌེན་ཡུཐ་ཟེར་མི་ ན་གཞོན་དྲག་ཤོས་ཀྱི་ འགྲན་བསྡུར་ལས་རིམ་ འགོ་འདྲེན་འཐབ་མི་དེ་ནང་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་ཆེ་བའི་སློབ་ཕྲུག་ དབང་དྲག་རྡོ་རྗེ་གིས་ སྤྱི་ལོ་༢༠༡༧ ལོའི་གཱོལ་ཌེན་ཡུཐ་གི་ འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་ཡོདཔ་བཞིན་དུ་ ཁོ་གི་འོག་ལས་ར་ སྤ་རོ་འབྲུག་རྒྱལ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ཨ་བི་ཤེག་ ག་ལེ་གིས་ ཐོན་ཡོདཔ་མ་ཚད་ སྤ་རོ་ཁྱུང་བདུད་དམག་སྡེ་སློབ་གྲྭའི་སློབ་ཕྲུག་ ཚུལ་ཁྲིམས་དབང་ཕྱུག་དང་ དགེ་ལེགས་ཕུག་སློབ་གྲྭ་ཆེ་བའི་སློབ་ཕྲུག་ ཡོན་ཏན་རྒྱ་མཚོ་༢ ཀྱིས་ ཨང་༢ པ་དང་༣ པ་ཐོན་ཡོདཔ་ཨིན་པས།
རྫོང་ཁག་༢༠ ལས་ སློབ་ཕྲུག་༨༠ ཀྱིས་ བཅའ་མར་གཏོགས་མི་ ལས་རིམ་དེ་ནང་ དྲག་ཤོས་ཐོན་མི་ཚུ་ལུ་ ན་གཞོན་གོང་འཕེལ་མ་དངུལ་གྱི་གཙོ་འཛིན་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ རྟགས་མ་དང་ ལག་ཁྱེར་ཚུ་ གནང་ཡོད་པའི་གནས་ཚུལ།
