རྒྱལ་ཁབ་༤༦ དང་ ལུང་ཕྱོགས་ཚུ་ནང་ལས་ ཨ་ལོ་ཚུ་གིས་བྲིས་མི་ རིས་མོ་དང་ སྒྱུ་རྩལ་དང་འབྲེལ་བའི་ ལཱ་ཁག་མ་འདྲཝ་༦༠ དེ་ཅིག་ ཁ་ཙ་ ཐིམ་ཕུག་ལུང་བསྟན་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ རང་བཞིན་དང་ མཐའ་འཁོར་གནས་སྟངས་ཀྱི་ བརྗོད་དོན་ཐོག་ལུ་ རིས་མོ་འགྲེམས་སྟོན་ཅིག་ སྒོ་ཕྱེས་ཡོདཔ་ད་ དེ་ནང་ འབྲུག་གི་སློབ་ཕྲུག་ཨ་ལོ་ ཐིམ་ཕུག་ལས་༡༥ དང་ སྤ་རོ་ལས་༡༠ ཧཱ་ལས་༢༠ ཡོད་མི་ཚུ་གི་ རིས་མོ་ཚུ་ཡོདཔ་བཞིན་དུ་ ཐིམ་ཕུག་གི་ཤུལ་ལས་ སྤ་རོ་དང་ ཧཱ་ལུ་ འགྲེམས་སྟོན་འབད་ནི་ཨིན་པའི་གནས་ཚུལ།
