འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་ཚུ་གི་ འགྲེམ་ཐོག་རྒྱན་ཤོག་གོ་རིམ་དང་པ་དེ་ བུམ་ཐང་དང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་༣ ནང་ ད་རིས་ བསྐྱལ་ནི་ཨིནམ་ད་ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱི་ དམངས་གཙོའི་རིང་ལུགས་ཀྱི་ ཡིག་ཚང་ནང་ འགྲེམ་ཐོག་རྒྱན་ཤོག་ཚུ་ བསྐྱལ་ནིའི་དོན་ལས་ ལས་བྱེདཔ་ཚུ་ ལཱ་འབད་བའི་བསྒང་འདུག།
རྫོང་ཁག་༣ ནང་ རྒྱན་ཤོག་ལྷན་ཐབས་ས་ཁོངས་༩ ཡོད་མི་ལས་༢ བུམ་ཐང་དང་༣ པདྨ་དགའ་ཚལ་ དེ་ལས་༤ བསམ་གྲུབ་ལྗོངས་མཁར་ལུ་ཡོདཔ་ད་ རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༤༣༨,༦༦༣ ཡོད་མི་ལས་༩༧,༨༧༠ གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༦༤ དང་ འགྲུལ་སྐྱོད་མཐུན་རྐྱེན་༨ ནང་ སྤྱི་ཟླ་༩ པའི་ཚེས་༧ ལས་༩ ཚུན་ ཉིན་གྲངས་༣ གྱི་རིང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།