ཁ་ཙ་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ ཕྱི་འབྲེལ་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་གཤགས་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ ཀོ་ཕི་ཨ་ནཱན་གྱི་དོན་ལུ་ བསྔོ་སྨོན་དང་ དཀར་མེ་སྟོང་མཆོད་ཕུལ་ཡོདཔ་ད་ དེ་ཡང་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ འགོ་ཁྲིད་ཐོག་ལས་ བསྔོ་སྨོན་ལས་རིམ་ འགོ་འདྲེན་འཐབ་མི་དེ་ནང་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ ཐིམ་ཕུག་ལུ་ཡོད་མི་ རྒྱལ་སྤྱི་ལས་སྡེའི་ ངོ་ཚབ་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།
