སྤྱི་ཟླ་༧ པའི་ཚེས་༡༠ ལུ་ བཀྲིས་སྒང་ཡང་གཉེར་རྒེད་འོག་ ཀ་ཀ་གནས་ལུ་ ཀེ་བའི་དོ་འབག་མི་ སྣུམ་འཁོར་ཊཱག་ཅིག་ ལམ་འོག་ལས་མར་ རྦོབ་རིལ་སོང་ཡོདཔ་ད་ རྐྱེན་ངན་དེ་ཡང་ ཕྱི་རུའི་ཆུ་ཚོད་༥.༣༠ དེ་ཅིག་ཁར་ ཊཱག་དེ་ དར་རྒྱས་གླིང་སྤྱི་འོག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་འབག་འགྱོ་བའི་སྐབས་ བྱུང་ཡོད་རུང་ མི་ལུ་ གནོད་སྐྱོན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས། ས་ཁོངས་དེ་ནང་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་ལུ་བརྟེན་ ས་འཇམ་དྲགས་བཟོ་མི་ལུ་བརྟེན་ སྣུམ་འཁོར་ཊཱག་དེ་ རྦོབ་རིལ་ཡར་སོ་ནུག་ཟེར་ཨིན་པའི་གནས་ཚུལ།
