ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ ཇ་ཀར་ཊ་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཨེ་ཤི་ཡཱན་རྩེད་འགྲན་གྱི་ ཉིནམ་༢ པའི་ནང་ འབྲུག་པའི་རྩེད་འགྲན་པ་༢ རྩེད་འགྲན་ནང་ལས་ ཕམ་སོ་པའི་ཤུལ་ལུ་ རྩེད་འགྲན་མཇུག་བསྡུ་ཡོདཔ་ཨིན་པས།
དེ་ཡང་ ཊའི་ཀཱོན་ཌོ་རྩེད་འགྲན་པ་ བསོད་ནམས་དབྱངས་མཚོ་གིས་ རྩེད་འགྲན་དང་པའི་ནང་ ལའོསི་རྒྱལ་ཁབ་ལས་ རྒྱལ་ཁ་ཐོབ་ལས་ ཨང་དང་པའི་རྟགས་མ་འཐོབ་ནིའི་རེ་བ་བསྐྱེད་རུང་ རྒྱ་ནག་གི་ ཨང་དང་པ་ཨིན་མི་ མཱེང་ཡུ་ཞེང་དང་གཅིག་ཁར་ མཐའ་བཅད་འགྲན་བསྡུར་འོག་མའི་ ལྗིད་ཚད་ཀེ་ཇི་༦༧ པའི་དབྱེ་ཁག་ནང་ རྩེད་འགྲན་འབདཝ་ད་ ཕམ་སོཔ་ཨིན་པའི་གནས་ཚུལ།