གནས་ཚུལ་མདོར་བསྡུས།

ཁྲོམ་སྡེའི་ས་གོ་གཙོ་ཅན་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་དེ་ གདོང་ལེན་ཅན་ཅིག་ལུ་ གྱུར་དོ་ཡོད་པའི་ ངོས་འཛིན་ཐོག་ ལཱ་གཡོག་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་དང་ མཉམ་འབྲེལ་ཐོག་ལས་ ཐིམ་ཁྲོམ་གྱི་ ས་ཁོངས་ཁག་༡༢ ནང་ ཕྱགས་སྙིགས་དང་ རག་རོ་བསྡུ་བསྒྱོམ་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ ད་རེས་ནངས་པར་ སེམས་རྟོགས་ཁ་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ གོམས་འདྲིས་སློབ་སྦྱོང་འབད་བའི་བསྒང་ཡོད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ཕོ་མོ་༢,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་གིས་འབད་བ་ཅིན་ བར་སྦིས་ས་ལས་ ཆུ་བར་ཆུ་ཚུན་ཚོད་ འཁོར་ལམ་དང་ རྐང་ལམ་ ཁྲོམ་ལམ་ རོང་ཆུ་བདའ་སྟེ་ ཕྱགས་བདར་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཕྱགས་སྙིགས་ཊཱོན་༨ ལྷགཔ་ཅིག་ བསྡུ་བསྒྱོམ་འབད་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *