༉ བསམ་གྲུབ་ལྗོངས་མཁར་ ནར་ཕུང་གི་ལྟག་ལུ་ ཊིག་ཤིང་རི་ཟེར་སར་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་གཞུང་ལམ་ བསུབས་ཡོད་མི་དེ་ ས་གནས་ཁར་ ཆརཔ་རྒྱུན་མ་ཆད་པར་རྐྱབ་མི་དང་ ས་སྨུག་སྤུབས་ཡོད་མི་ལུ་བརྟེན་ ད་རིས་ཡང་ སེལ་མ་ཚུགས་པར་ཡོདཔ་ད་ གཞུང་ལམ་དེ་ བསལ་ནིའི་དོན་ལུ་ ད་རུང་ ཉིནམ་༢ དང་༣ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ གཞུང་ལམ་དེ་ཁར་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དེ་ཚེ་ར་ བརྡ་དོན་ཚུ་ སྤྲོད་ཡོདཔ་བཞིན་དུ་ གཞུང་ལམ་དེ་ སྤྱི་ཟླ་༨ པའི་ཚེས་༤ གི་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ས་རུད་ཆད་མི་ལུ་བརྟེན་ བསུབས་ཡོད་པའི་གནས་ཚུལ།
