༉ སྤྱི་ཟླ་༧ པའི་ཚེས་༨ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ རྩེད་ཐང་ནང་སྦེ་ དགེ་ལེགས་ཕུག་དང་ བང་ཊར་ཡུ་ནའི་ཊེཌ་༢ ཀྱི་བར་ན་ ཕུཊ་བཱོལ་གྱི་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ དགེ་ལེགས་ཕུག་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ བང་ཊར་ཡུ་ནའི་ཊེཌ་ ཕམ་བཏང་ཡོདཔ་ད་ ཨང་དང་པ་ཐོན་མི་སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ དང་ ཨང་༢ པ་ཐོན་མི་ལུ་ དངུལ་ཀྲམ་༢༠,༠༠༠ བྱིན་ཡོདཔ་བཞིན་དུ་ རྩེད་འགྲན་ནང་ སྡེ་ཚན་༨ ཀྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
