ཁ་ཙ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཨམ་སྲུ་དང་ ཨ་ལོ་ཚུ་གི་ མཐའ་དོན་ལུ་ སྤྱོད་འཐུས་མ་ཕོག་པའི་ བརྒྱུད་འཕྲིན་ཨང་༡༠༩༨ འབད་མི་ ལས་འགུལ་ཅིག་ གཞི་བཙུགས་འབད་མི་དེ་ འགོ་འབྱེད་འབད་ཡོདཔ་ད་ ཕན་གྲོགས་འགྲུལ་འཕྲིན་མཐུད་སྦྲྲེལ་དེ་གིས་ འབྲུག་གི་ཨམ་སྲུ་དང་ ཨ་ལོའི་་དོན་ལུ་ འབྲེལ་ཡོད་ཁེ་གྱོང་པ་ཆ་མཉམ་གྱི་ ལྷན་ཐབས་ཐོག་ལས་ ཉེན་སྐྱོབ་ལམ་ལུགས་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པས།
རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ཀྱིས་ རྒྱལ་སྤྱི་ཨ་ལོ་སྲུང་སྐྱོབ་ལས་སྡེའི་ རྒྱབ་སྐྱོར་ཐོག་ལུ་ མོ་བཏབ་བཟུམ་ཅིག་སྦེ་ གཞི་བཙུགས་འབད་མི་ སྤྱོད་འཐུས་མ་ཕོག་པའི་ ཕན་གྲོགས་འགྲུལ་འཕྲིན་ཞབས་ཏོག་དེ་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༡༡ ཚུན་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྤྱོད་ཚུགས་ནི་ཨིན་རུང་ སྤྱི་ཟླ་༡༠ པའི་ཚེས་༡༡ ལས་ གཞུང་འབྲེལ་ཐོག་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཞབས་ཏོག་འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།
