འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཅིག་ དཔག་བསམ་ཁ་ལུ་ བཟོ་གྲྭའི་ས་ཁོངས་ནང་འགྱོཝ་ད་ རིན་ཆེན་སྡིངས་གཞུང་ལམ་ཁར་ ཐོགས་ལུས་མི་དེ་ཡང་ གཞུང་ལམ་དེ་གི་ སྒོར་ལྟབ་རྩུབ་དྲགས་ཡོད་མི་ལུ་བརྟེན་ཨིནམ་ད་ ད་རུང་ དོ་ལྗིད་ཅན་འབག་མི་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་གིས་ ཕུན་ཚོགས་གླིང་ལུ་ ལམ་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ལུ་ ལྷག་པར་དུ་ ལྷན་ཐབས་འབད་དོ་ཡོདཔ་ཨིན་པས། དུས་ཅི་ལོའི་སྔ་ཆ་ལུ་ དཔག་བསམ་ཁ་ལུ་འགྱོ་མི་ རྒྱ་གར་གྱི་ཊཱག་༢ རིན་ཆེན་སྡིངས་གཞུང་ལམ་ཁར་ མེ་ཟུན་ཡོད་པའི་གནས་ཚུལ།
