སྐྱབས་རྗེ་རྗེ་མཁན་ཁྲི་རབས་༦༩ པ་ དགེ་བཤེས་དགེ་འདུན་རིན་ཆེན་ ཞིང་ལུ་ཕེབས་ཏེ་ ལོ་ངོ་༢༢ འཁོར་བའི་ རྗེས་དྲན་ཞུ་ནིའི་དོན་ལུ་ ཐིམ་ཕུག་དབྱངས་ཅན་ཕུག་ལུ་སྦེ་ ཞིང་གཤེགས་དམ་པ་མཆོག་གི་ སློབ་མ་དང་ སྦྱིན་བདག་ཚུ་གིས་ འགོ་འདྲེན་འཐབ་སྟེ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་ དབུ་བཞུགས་ཐོག་ལས་ སྤང་རི་ཟམ་པ་རྩིས་གཞུང་མཐོ་རིམ་སློབ་གྲྭའི་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་གིས་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་ བླ་སྒྲུབ་དང་ ཚོགས་འཁོར་གནང་པའི་བསྒང་ཡོད་མི་དེ་ ནངས་པར་ མི་མང་ལུ་ ཞབས་དྲུང་དག་སྣང་མའི་ དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།
