གནས་ཚུལ་མདོར་བསྡུས།

ཁ་ཙ་ འབྲུག་གི་ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་ཐེངས་༧ པའི་ནང་ བདེ་ཆེན་རྡོ་རྗེ་གིས་ ཨང་དང་པ་ཐོནམ་ལས་ གསོལ་རས་དེ་ཡང་ གནས་གོང་དངུལ་ཀྲམ་འབུམ་༥ འབད་མི་ སྣུམ་འཁོར་ཅིག་གི་ ལྡེ་མིག་བུ་སྤྲོད་ཡོདཔ་ད་ པདྨ་རིག་འཛིན་གྱིས་ ཨང་གཉིས་པ་ཐོན་ཏེ་ གསོལ་རས་དངུལ་ཀྲམ་འབུམ་༣ དང་ ཨང་༣ པའི་གསོལ་རས་ དངུལ་ཀྲམ་འབུམ་༢ དེ་ སངས་རྒྱས་ཚེ་རིང་གིས་ ཐོབ་ཡོདཔ་ད་ གསུང་སྐད་འགྲན་བསྡུར་ཐད་བཅད་ནང་ ཞབས་ཁྲ་འཐེན་མི་ དྲག་ཤོས་༥ ལྷོད་ཡོདཔ་ཨིན་པས།

དཀོན་མཆོག་དབང་འདུས་ཀྱིས་ འགོ་འདྲེན་འཐབ་མི་ འབྲུག་གི་ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་ཡང་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་དང་  རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བཀྲིས་རྡོ་རྗེ་གིས་ གནང་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *