སྤྱི་ཟླ་༦ པའི་ཚེས་༢༡ གི་ཉིན་མར་ ལྷུན་རྩེ་སྨན་སྦིས་རྒེད་འོག་ གཞུང་མཁར་གཡུས་ཚན་ནང་ རང་ལུགས་ཀྱི་ཁྱིམ་ཐོག་ཚད་༡ འབད་མི་དེ་ རྩ་བ་ལས་ མེ་གིས་ ཐལ་བར་བརླགས་བཏང་ཡོད་རུང་ དེ་བསྒང་ ཁྱིམ་གྱི་ཇོ་བདག་དེ་ ཁྱིམ་ནང་མེདཔ་ལས་ མི་ལུ་ གནོད་སྐྱོན་མ་བྱུང་པས།
ཉམས་རྒུདཔ་ཨང་རྒས་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་གནང་མི་ སེམས་གསོ་དངུལ་ཀྲམ་༡༠,༠༠༠ དང་ ཅ་ཆས་ཚུ་ རྫོང་བདག་གིས་སྦེ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།
