འབྲུག་གི་དངུལ་ཁང་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ དངུལ་ཁང་གིས་ བཀྲིས་ཆོས་རྫོང་གི་རྒྱབ་ཁར་ རྡོ་རྗེ་དྲག་ཙན་གནས་ཁང་ནང་ དཀར་མེ་ཀོངམ་༡,༠༠༠ ཤོང་ཚད་ཡོད་མི་ དཀར་མེ་ཕུལ་ཁང་ཅིག་ བཟོ་སྐྲུན་འབད་ཡོདཔ་མ་ཚད་ དཀར་མེ་ཀོངམ་༡,༠༠༠ ཞལ་འདེབས་ཕུལ་ཡོདཔ་ད་ དཀར་མེ་ཕུལ་ཁང་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ རབ་གནས་གནང་ཡོདཔ་བཞིན་དུ་ དེ་བསྒང་ དངུལ་ཁང་གི་ ལས་བྱེདཔ་ཚུ་གིས་ དཀར་མེ་སྟོང་མཆོད་ཕུལ་ཡོད་པའི་གནས་ཚུལ།
