འབྲུག་ན་གཞོན་གོང་འཕེལ་མ་དངུལ་ གཞི་བཙུགས་འབད་དེ་ ལོ་ངོ་༡༩ འཁོར་བའི་ ཉིནམ་དང་བསྟུན་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཁས་བླངས་པ་༡༤༠ དེ་ཅིག་གིས་ སྤ་རོ་གསང་སྔགས་ཆོས་འཁོར་གླིང་དང་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ནགས་མེ་གིས་ ནགས་ཚལ་རྒྱ་ཆེཝ་སྦེ་ འཚིགས་ཡོད་པའི་ ས་ཁོངས་ཚུ་ནང་ ཤིང་ལྕངམ་༧༢༠ འཛུགས་སྐྱོང་འབད་ཡོདཔ་ད་ འབྲུག་གོང་འཕེལ་ན་གཞོན་གོང་འཕེལ་མ་དངུལ་གྱིས་ ན་གཞོན་ཚུ་ལུ་ མཐའ་འཁོར་གནས་སྟངས་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་དང་ སྐྱེ་ལྡན་རིགས་སྣ་ཡང་ ང་བཅས་རའི་ ཆ་ཤས་ཅིག་ཨིནམ་ ཧ་གོ་བཅུག་ཐབས་ལུ་ ཤིང་ལས་འགུལ་ཅིག་ལུ་ སྦྱིན་བདག་སྦེ་ཟེར་བའི་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ ཁས་བླངས་པ་དང་ གྲོགས་རམ་བྱི་མི་ངོ་རྐྱང་དང་ མཉམ་རོགས་ཚུ་གི་ རྒྱབ་སྐྱོར་ཐོག་ རྒྱལ་ཁབ་ནང་ ཤིང་ལྕངམ་༣,༠༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་ཡོད་པའི་གནས་ཚུལ།
