སྤྱི་ཟླ་༦ པའི་ཚེས་༧ ལས་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ཆད་མི་དེ་ ད་རིས་ཉིན་ཡོལ་ཅིག་ཁར་ སེལ་ཚར་ནིའི རེ་བ་ཡོད་ཟེར་ མོང་སྒར་གླིང་མི་ཐང་ ལས་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ གཞུང་ལམ་དེ་ཡང་ རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཊར་༤༢ ཀྱི་ས་གནས་ ཀུར་རི་གོང་རི་འཛོམས་སའི་ སྦོ་ལོགས་ཁར་ བསུབས་ཡོདཔ་ལས་ སྣུམ་འཁོར་དག་པ་ཅིག་ ཐོགས་ལུས་ཡོད་རུང་ ད་རིས་ལས་ གཏང་ཚུགས་ནི་ཨིན་པའི་གནས་ཚུལ།
