སྤྱི་ཟླ་༦ པའི་ཚེས་༥ ལུ་ ཆརཔ་ཤུགས་སྦེ་རྐྱབ་ད་ ཐིམ་ཕུག་མགྱོགས་ལམ་བདའ་སྟེ་ ས་གནས་ཨོ་ལ་ཁ་ལུ་ ཆུ་གཡུར་བསུབས་ཏེ་ གཞུང་ལམ་གུ་ལས་ ཆུ་ལུད་འོངམ་ད་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་དང་ མི་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ད་ ཆརཔ་རྐྱབ་པའི་སྐབས་ལུ་ འདི་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ཡང་ ཆུ་གཡུར་ལམ་ལུགས་ ལེགས་ཤོམ་མེད་ནི་དེ་གིས་ ཨིན་པའི་གནས་ཚུལ།
