གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྩི་རང་རྫོང་ཁག་ནང་ ཆིབས་སྐྱོད་གནངམ་ད་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མི་སྡེ་ནགས་ཚལ་གྱི་ཉིནམ་དང་བསྟུན་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ ས་ཁོངས་ནང་ བྱང་ཆུབ་ཤིང་ཅིག་ བཙུགས་གནང་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༢ དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་མངའ་གསོལ་མཛད་པའི་ཉིནམ་ ཁྱད་པར་ཅན་ཨིནམ་ལས་ སྤྱི་ལོ་༡༩༨༥ ལུ་ མི་སྡེ་ནགས་ཚལ་གྱི་ཉིནམ་སྦེ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ཉིནམ་འདི་ནང་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་འཁོད་ལུ་ ཤིང་ལྕངམ་སྟོང་ཕྲག་ལས་བཅད་དེ་ འཛུགས་སྐྱོང་འབདཝ་ཨིན་པས།
མི་དབང་མཆོག་ སྤྱི་ཟླ་༦ པའི་ཚེས་༢ ལུ་ རྩི་རང་ཕུན་བརྟན་ཆུ་རྒེད་འོག་ནང་ གཟིགས་སྐོར་གནང་པའི་སྐབས་ མི་སེར་ཚུ་གིས་ ཚོགས་ཆང་དྲང་ཡོདཔ་ད་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ རྩི་རང་སྟོད་རྫོང་གྱང་འཁོགས་ཐལ་སར་ ཆིབས་སྐྱོད་གནང་ཡོད་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *