གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་དཀར་སྦིས་ས་ལུ་ ན་གཞོན་ལྟེ་བ་ཅིག་ སྒོ་འབྱེད་འབད་ཡོདཔ་ད་ ལྟེ་བ་དེ་གིས་ ན་གཞོན་ལྕོགས་གྲུབ་ཅན་དང་ འགན་ཁུར་ཅན་ བཟོ་ནིའི་དོན་ལུ་ ཕྱི་གཟུགས་དང་ མི་སྡེ་ འགོ་ཁྲིད་པའི་ ཉམས་མྱོང་ཚུ་ འཐོབ་ནི་གི་ གོ་སྐབས་ཚུ་ བྱིན་ནི་ཨིན་པས།
དངུལ་ཀྲམ་ས་ཡ་༡ ཟད་འགྲོ་བཏང་སྟེ་ གཞི་བཙུགས་འབད་མི་ ན་གཞོན་ལྟེ་བ་དེ་གིས་ དཔེ་མཛོད་ཁང་ནང་ ནང་ནའི་རྩེད་རིགས་ བརྡ་དོན་ཡོངས་འབྲེལ་ པར་སྐྲུན་ལ་སོགས་པའི་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ བྱིན་ནི་ཡོདཔ་ད་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སྒོ་འབྱེད་འབད་མི་ ལྟེ་བ་དེ་ཡང་ རེས་གཟའ་ལྷག་པ་ལས་ ཟླ་བ་ཚུན་ དྲོ་པའི་ཆུ་ཚོད་༡༠ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ སྒོ་ཕྱེ་བཞག་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *