ཁ་ཙ་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་བསོད་ནམས་ཀུན་དགའ་གིས་ འགོ་ཁྲིད་ཐོག་ གནས་ཡུན་ཚང་རན་མི་ འཐུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཡོདཔ་ད་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གི་ ལོ་ལྔའི་གནས་ཡུན་དེ་ སྤྱི་ཟླ་༥ པའི་ཚེས་༩ ལུ་ ཚང་ནི་ཨིནམ་བཞིན་དུ་ ཚོགས་སྡེ་༣ པའི་འཐུས་མི་གསརཔ་ཚུ་ སྤྱི་ཚེས་༡༠ ལུ་ ཡིག་ཚང་ནང་ འཛུལ་ཞུགས་འབད་ནི་ ཨིན་པའི་གནས་ཚུལ།
