འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་འབྲེལ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཁ་ཙ་ འབྲུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་གིས་ རྒྱ་གར་གྱི་ གཞུང་ཚབ་ལས་ཁང་བཟོ་སྐྲུན་གྱི་ འགྱམ་རྡོ་བཙུགས་པའི་ རྟེན་འབྲེལ་བརྩི་ཡི།
དཀར་མེ་ཕུལ་ཐོག་ལས་ རྟེན་འབྲེལ་བརྩི་སྲུང་སྐབས་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་དང་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་རྣམ་༢ ཀྱིས་དབུ་གཙོས་པའི་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དྲག་ཁག་གསུམ་གྱི་འགོ་འཛིན་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ རྒྱ་གར་གྱི་ གཞུང་ཚབ་བགྲེསཔ་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།