ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ གསར་བཞེངས་བསྒྲུབས་མི་ སྤྱན་རས་གཟིགས་རིགས་ལྔའི་མཐོང་གྲོལ་ལུ་ བཀྲིས་རབ་གནས་མཛད་གནང་ཡོདཔ་ད་ རིང་ཚད་ཕིཊ་༣༥ འབད་མི་ མཐོང་གྲོལ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད་ དེ་ཡང་ བསྟན་པའི་སྦྱིན་བདག་ ཀརྨ་རྒྱལ་མཚན་གྱིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ བཏང་སྟེ་ བཞེངས་ཡོདཔ་བཞིན་དུ་ དགོན་འཛིན་གྲྭ་ཚང་ལུ་ ཞལ་འདེབས་སྦེ་ཕུལ་བའི་སྐབས་ ལྷུན་རྩེ་དང་ མོང་སྒར་ལས་ དད་ཅན་སྟོང་ཕྲག་ལས་བཅད་དེ་ མཇལ་ཁ་ཞུ་བར་ འཛོམས་ཡོད་པའི་གནས་ཚུལ།
