༉ གོ་བ་བརྡ་སྤྲོད་འབད་ནི་དང་ ཚོང་མགྲོན་པ་ཚུ་ལུ་ དེང་སང་གི་ ཐོན་སྐྱེད་དང་ ཞབས་ཏོག་ཚུ་ འབྲེལ་བ་ཐབས་ཚུགས་ནིའི་དོན་ལུ་ ཁ་ཙ་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་ཐང་ནང་སྦེ་ འབྲུག་གི་དངུལ་ཁང་གིས་ ཉིན་གྲངས་༣ གྱི་རིང་ སྐྱིན་འགྲུལ་གྱི་ དུས་སྟོན་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
དུས་སྟོན་དེ་གིས་ ན་ཧིང་ མཐར་འཁྱོལ་ཅན་སྦེ་ བྱུང་ཡོད་པའི་ཁར་ དེ་བསྒང་ ཚོང་མགྲོན་པ་༡,༠༠༠ དེ་ཅིག་གིས་ སྐྱིན་འགྲུལ་ལེན་ཡོདཔ་མ་ཚད་ ཐོན་སྐྱེད་དང་ ཞབས་ཏོག་ཚུ་ ལེན་ནིའི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ དུས་སྟོན་དེ་ ནངས་པར་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།