སྤྱི་ཟླ་༤ པའི་ཚེས་༢༦ གི་ཕྱི་རུ་ཁམས་ཅིག་ཁར་ ཆརཔ་རྐྱབ་པའི་སྐབས་ ལྷུན་རྩེ་ སྒང་ཟུར་རྒེད་འོག་ བྱང་ཆུབ་ཆོས་གླིང་གཡུས་ཚན་ནང་ སྐྱེས་ལོ་༤༣ ལང་མི་ ཆོསཔ་ཅིག་ལུ་ གློག་ཀེམ་རེག་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཚེ་འདས་ཆོསཔ་དེ་ ཆ་རོགས་ཚུ་དང་གཅིག་ཁར་ བསང་གཏང་ནིའི་དོན་ལུ་ ཙན་དན་ཤིང་གི་འདབ་མ་ བཏོག་པར་འགྱོཝ་ད་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཤིང་གི་འོག་ལུ་སྡོདཔ་ད་ ཙན་དན་ཤིང་གུ་ གནམ་ལྕགས་བུདཝ་ད་ ཚེ་འདས་ལུ་ཡང་ ཕོག་ནུག་ཟེར་ ཨིན་པའི་གནས་ཚུལ།