ད་རིས་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་ཉིནམ་གི་དོན་ལུ་ ཁ་ཙ་ཕྱི་རུའི་ཆུ་ཚོད་༦ ལས་ ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་ སྒོ་བསྡམས་ཡོདཔ་ལས་ རྒྱ་འབྲུག་གི་ ས་མཚམས་གཉིས་ཆ་རའི་ནང་ མི་སྟོང་ཕྲག་ལས་བཅད་དེ་ ཐོགས་ལུས་ཡོད་རུང་ ཁྲིམས་སྲུང་འགག་སྡེ་དང་ དྲུང་ཁག་བདག་སྐྱོང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ཕྱི་རུ་དུས་ཐེབས་ཀྱི་ལཱ་འབད་དེ་ ཇའི་སྒང་ལུ་ ཐོགས་ལུས་མི་ འབྲུག་མི་ཚུ་ ཕུན་ཚོགས་གླིང་ལུ་དང་ རྒྱལ་ཁབ་ནང་ན་ ཐོགས་ལུས་མི་ རྒྱ་གར་གྱི་མི་ཚུ་ ཁོང་རའི་ ས་གོ་ནང་ འཛུལ་ཚུགསཔ་བཟོ་ཡོད་པའི་གནས་ཚུལ།
