གནས་ཚུལ་མདོར་བསྡུས།

དུས་ཅི་ལས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བྱེམ་ཕྱིར་བཏོན་དང་ བཀྲམ་སྤེལ་ལམ་ལུགས་ གསརཔ་འགོ་བཙུགས་མི་དེ་ བསྒྱུར་བཅོས་མེད་པར་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་སྟེ་ ཟླ་ངོ་༦ གི་ཤུལ་ལས་ དགོས་མཁོ་དང་ དེ་ལས་ ལས་མགྲོན་པ་དང་ སྐྱེལ་འདྲེན་པ་ཚུ་གི་ བསམ་ལན་ཚུ་ལུ་ གཞི་བཞག་སྟེ་ བསྐྱར་ཞིབ་འབད་ནི་ཨིནམ་ད་ དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་ བཀའ་རྒྱ་དང་འཁྲིལ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་མི་དེ་གིས་ སྤྱི་ཟླ་༢ པའི་ཚེས་༡ ལུ་ གྲོས་ཐག་བཅད་ཡོདཔ་ཨིན་པས། བྱེམ་དེ་ ཤར་ལུང་ཕྱོགས་ སྤུ་ན་གཙང་ཆུའི་མཐའ་མ་ལས་བཏོན་ཏེ་ ས་གནས་ཁག་སོ་སོའི་ནང་ བཀྲམ་སྤེལ་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *