ཁ་ཙ་ ཐིམ་ཕུག་ལུ་ འཕྲུལ་རིག་གི་ ཐབས་རིག་ནང་ སྲུང་རྒྱབ་ཟེར་ མིང་བཏགས་ཏེ་ཡོད་མི་དེ་གིས་ འབྲུག་རྒྱལ་ཡོངས་འགོ་བཙུགས་བདུན་ཕྲག་གི་གསོལ་རས་ དངུལ་ཀྲམ་འབུམ་༨ ཐོབ་ཡོདཔ་ད་ ཐབས་ལམ་དེ་ཡང་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྐྱོབ་འབད་ནིའི་དོན་ལུ་ གཅན་གཟན་སྟག་ཅིག་གི་ བཟོ་རྣམ་སྦེ་ གློག་མེའི་ཡོར་མོ་ཐོག་ བཟོ་སྟེ་ཡོདཔ་ཨིན་པས། ཐབས་བྱུས་དེ་ ལག་ལེན་འཐབ་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་དེ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་བརྒྱུད་དེ་ གཞུང་གིས་སྦེ་ གནང་ཡོད་མི་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ མི་ངོ་༡༥༧ གྱི་ ཐབས་བྱུས་ཚུ་ལས་ དྲག་ཤོས་༢༤ གདམ་ཁ་རྐྱབ་མི་ལས་ ཨང་དང་པའི་གསོལ་རས་དེ་ སྲུང་རྒྱབ་ཀྱི་ སྡེ་ཚན་གྱིས་ ཐོབ་ཡོད་པའི་གནས་ཚུལ།
