འབྲུག་དང་ རྒྱ་གར་གྱི་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དོན་ལུ་སྣུམ་འཁོར་ཀཱར་གྱི་ རྒྱུག་འགྲན་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༤ ལུ་ རྒྱ་གར་ཀཱོལ་ཀ་ཊ་ལས་ རྒྱུག་འགྲན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཐིམ་ཕུག་ལུ་ ལྷོད་ནུག།
ཁ་ཙ་ ཚོགས་དཔོན་འཇིགས་མེད་བཟང་པོ་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་ སར་ཀར་གྱིས་ ཀི་ལོ་མི་ཊར་༢,༠༠༠ རྒྱུག་འགྲན་འབད་མིའི་གྲས་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ཚུ་ གནང་ཡོད་པའི་གནས་ཚུལ།
