ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ འཁྲུངས་སྐར་དུས་ཆེན་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ ལས་རིམ་ཅིག་སྦེ་ བརྩི་སྲུང་ཞུཝ་ད་ འབྲུག་དང་རྒྱ་གར་གྱི་ ཁ་ཐུག་ལས་ སྤྲོ་སྟོན་ལས་རིམ་ཚུ་ སྤྱན་འབུལ་ཞུ་ནུག།
