འབྲུག་རྒྱལ་ཁབ་ནང་ ཉིན་གྲངས་༥ གི་རིང་ གཞུང་འབྲེལ་ལྟ་སྐོར་ལུ་འོང་མི་ དཔལ་འབྱོར་དང་ མི་སྡེ་ཚོགས་སྡེའི་གཙོ་འཛིན་ མ་རི་ ཅ་ཏར་དོ་བ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གཙོས་པའི་ ཕྱི་འབྲེལ་དང་ དངུལ་རྩིས་བློན་པོ་ཚུ་དང་ མཇལ་ཕྲད་ཞུ་སྟེ་ མང་ཕྱོགས་གནད་དོན་སྣ་ཚོགས་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ དཔལ་འབྱོར་དང་ མི་སྡེ་ཚོགས་སྡེ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ཡན་ལག་གཙོ་ཅན་༦ གི་གྲས་ལས་༡ ཨིན་པས། ཚོགས་སྡེ་དེ་གི་ འགན་ཁུར་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ དམིགས་བསལ་ལས་སྡེ་༡༥ དང་གཅིག་ཁར་ དཔལ་འབྱོར་དང་ མི་སྡེ་ དེ་ལས་ འབྲེལ་ཡོད་ལས་སྣ་ཚུ་ལུ་ མཉམ་འབྲེལ་འབདཝ་བཞིན་དུ་ ཚོགས་སྡེ་ལུ་ འཐུས་མི་རྒྱལ་ཁབ་༥༤ ཡོདཔ་ཨིན་པའི་གནས་ཚུལ།
