གནས་ཚུལ་མདོར་བསྡུས།

ཁ་ཙ་དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ གླང་རྒྱུག་ཕར་ཁ་ རྒྱལ་ཡོངས་ཚོགས་ཁང་གི་ལྟག་ལུ་ ས་བརྐོ་འཕྲུལ་ཅིག་ རྦོབ་རིལ་མིའི་ནང་ སྣུམ་འཁོར་༢ མེདཔ་བཏང་པའི་ཁར་ མི་༣ ལུ་ རྨ་སྐྱོན་བྱུང་སྟེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ རྐྱེན་ངན་དེ་ཡང་ ས་བརྐོ་འཕྲུལ་གྱི་ བཀག་འཕྲུལ་མེདཔ་ཐལ་མི་ལུ་བརྟེན་ དེད་གཡོགཔ་དེ་གིས་ མཆོངས་འགྱོཝ་ད་ ས་བརྐོ་འཕྲུལ་དེ་ རྟ་བབ་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་མི་ གླ་འཁོར་ལུ་ཕོག་སྟེ་ ལམ་འོག་ལས་མར་ འདྲུད་བདའ་བའི་སྐབས་ དེ་གི་འོག་ལུ་ བཀག་བཞག་མི་ སྒེར་འཁོར་གུ་ཕོག་ནུག། དེ་བསྒང་ ས་བརྐོ་འཕྲུལ་གྱི་ དེད་གཡོགཔ་དང་ གླ་འཁོར་གྱི་དེད་གཡོགཔ་ དེ་ལས་ རྐང་འགྲུལ་པ་ ཨམ་སྲུ་ཅིག་ལུ་ གནོད་སྐྱོན་དུམ་གྲ་རེ་ བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *