ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ སྤྱི་ཟླ་༦ པའི་ཚེས་༤ ལས་༡༡ ཚུན་ འགོ་འདྲེན་འཐབ་མི་ རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་ཐེངས་༣ པ་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ཁ་ཙ་ མེ་ཏོག་ཚུ་ ལོག་བསྡུཝ་དང་འབྲེལ་ འགོ་འདྲེན་པ་ཚུ་གིས་ མི་མང་ལུ་ བཙོང་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་གིས་ སྒོ་འབྱེད་གནང་མི་ མེ་ཏོག་འགྲེམས་སྟོན་ནང་ ཇ་པཱན་གྱི་ སྲསམོ་མ་ཀོ་དེ་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གྲལ་བཞུགས་གནང་ཡོདཔ་བཞིན་དུ་ འགྲེམས་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ རྗེས་དྲན་གུས་བཏུད་ཞུ་ཐབས་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
