གནས་ཚུལ་མདོར་བསྡུས།

སྒྲོལ་མ་འབུམ།

༉ ཁ་ཙ་ལས་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་༤༠༠ དེ་ཅིག་གིས་ ཉིན་གྲངས་༥ འི་རིང་ ལོ་བསྟར་སྒྲོལ་མ་འབུམ་བསག་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

རྒྱ་གར་གྱི་གཞུང་ཚབ་གྱི་ གནས་ཡུན་ཚང་ཡོདཔ།

༉ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་དེ་ གནས་ཡུན་ཚང་སྟེ་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ལོག་འགྱོ་དོ་ཡོདཔ་ད་ མོ་ར་ རྒྱ་གར་གྱི་ གཞུང་ཚབ་སྦེ་ སྤྱི་ལོ་༢༠༡༩ ཟླ་༢ པའི་ བསྐོ་བཞག་འབད་ཡོདཔ་ཨིན་པས།

གཞུང་ཚབ་རུ་ཅི་ར་ཀམ་བཱོཇ་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ རྒྱ་གར་གྱི་ གཏན་འཇགས་སྐུ་ཚབ་སྦེ་ གནས་སོར་བཏང་ཡོད་པའི་གནས་ཚུལ།

ཨམ་སྲུའི་ཕུཊ་བཱོལ་འགྲན་བསྡུར།

༉ ཕུན་ཚོགས་གླིང་ལུ་ ཨམ་སྲུའི་ཕུཊ་བཱོལ་འགྲན་བསྡུར་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ནང་ ཨམ་སྲུ་སྡེ་ཚན་༡༥ གིས་ བཅའ་མར་གཏོགས་ཏེ་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་ ད་ཚུན་གྱི་བར་ན་ སྡེ་ཚན་སྦོམ་ཤོས་ཅིག་ཨིན་པས།

ཨམ་སྲུ་སྡེ་ཚན་༡༥ ལས་༡༢ ཕུན་ཚོགས་གླིང་དང་ སྡེ་ཚན་༣ དེ་ ཆུ་ཁའི་སྟོད་ལུང་ཕྱོགས་ལས་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *