ཁ་ཙ་ ཐིམ་ཕུག་ རྡོར་གདན་བཀྲིས་ཐང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ སྐྱབས་མགོན་ངག་དབང་རྣམ་རྒྱལ་མཆོག་གིས་ བསྟན་པའི་གཞི་མ་ གྲྭ་ཚང་གཞི་བཙུགས་མཛད་དེ་ མི་ལོ་༤༠༠ འཁོར་བའི་ དུས་དྲན་བརྩི་སྲུང་ཞུཝ་དང་འབྲེལ་ གཙུག་ལག་སློབ་གྲྭའི་ སྒྲ་རིག་པའི་སློབ་དཔོན་ དཀར་ཅུང་གིས་ ལྗགས་རྩོམ་གནང་བའི་དཔེ་དེབ་༤ གསར་བཏོན་འབད་ཡོདཔ་ཨིན་པས།
དཔེ་དེབ་ཚུ་ཡང་ སྔགས་ཀློག་དཔལ་གྱི་སྒྲོན་མེ་དང་ སྨན་ལྗོངས་ནགས་མོའི་ དགའ་སྟོན་སྡེབ་སྦྱོར་ཁུ་བྱུག་གླུ་དབྱངས་ ནང་པའི་ཡོ་ག་དང་ ཕྱི་པའི་ཡོ་གའི་ཁྱད་པར་ དེ་ལས་ ལྷ་སྔགས་ཀྱི་འབྲུ་དོན་ མཁས་གྲུབ་གོང་མའི་དགོངས་རྒྱན་ཚུ་ ཨིན་པའི་གནས་ཚུལ།