གནས་ཚུལ་མདོར་བསྡུས།

འབྲུག་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་སྟེ་ མི་ལོ་༤༠༠ འཁོར་བའི་དུས་དྲན་ལུ་དམིགས་ཏེ་ ཁ་ཙ་ལས་ ཐིམ་ཕུག་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭ་ནང་ ཞབས་དྲུང་དག་སྣང་གི་སྒྲུབ་ཆེན་ འགོ་བཙུགས་ཡོདཔ་ད་ ཉིན་གྲངས་༧ གྱི་ སྒྲུབ་ཆེན་དེ་ རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་བསྟན་འཛིན་དབང་པོ་དང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་ དེ་ལས་ གཙུག་ལག་སློབ་དཔོན་ ཀརྨ་རང་གྲོལ་རྣམ་གསུམ་གྱིས་ དབུ་གཙོས་ཏེ་ གཙུག་ལག་སློབ་གྲྭའི་ མཁན་སློབ་དང་ བླ་མ་གནས་བརྟན་ དེ་ལས་ དགེ་འདུན་ཞལ་གྲངས་༥༠༠ དེ་ཅིག་གིས་ གནང་དོ་ཡོདཔ་ཨིན་པས།

ཞབས་དྲུང་དག་སྣང་དེ་ གསེར་ཀོར་རྡོ་རྗེ་འཆང་ཚུལ་ཁྲིམས་དོན་ལྡན་མཆོག་ལུ་ དག་སྣང་སྦེ་ བཀའ་བབས་ཡོད་མི་འདི་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༦༩ པ་ དགེ་བཤེས་དགེ་འདུན་རིན་ཆེན་མཆོག་གིས་ ལས་བྱང་ཚུ་ རྒྱས་པར་བཟོ་གནང་མི་དེ་ གཙུག་ལག་སློབ་དཔོན་ཀརྨ་རང་གྲོལ་གྱིས་ སྒྲུབ་པ་སྒྲུབ་ཆེན་སྦེ་ ཕྱོགས་སྒྲིག་མཛད་དེ་ རྒྱལ་ཁབ་ནང་ འགོ་དང་པ་ བཙུགས་གནང་ཡོདཔ་སྦེ་ གཞུང་གྲྭ་ཚང་གིས་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *