སྤྱི་ཟླ་༥ པའི་ཚེས་༡༤ ལུ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་རྣམ་གཉིས་ཀྱིས་ ཉམས་བཅོས་འབད་མི་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ ༼RENEW༽ སྒྲིང་ཁྱིམ་འགོ་འབྱེད་དང་ ཉི་དྲོད་གློག་ཤུགས་འཕྲུལ་ཁང་གཞི་བཙུགས་གནང་ཡོདཔ་ཨིན་པས།
ཟད་འགྲོ་ཉུང་བའི་ ནུས་ཤུགས་དང་ ཡུན་བརྟན་ལས་འགུལ་ཐོག་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ སྒྲིང་ཁྱིམ་ནང་ ནུས་ཤུགས་ལག་ལེན་ཉུང་སུ་འཐབ་མི་དེ་གིས་ བཙོག་རླུང་མར་ཕབ་འབད་ནི་ཨིནམ་ད་ ཉི་དྲོད་གློག་ཤུགས་འཕྲུལ་ཁང་དེ་གིས་ ལོ་བསྟར་བཞིན་དུ་ བཙོག་རླུང་མེད་པའི་ སྔོ་ལྗང་ནུས་ཤུགས་ ཀི་ལོ་ཝཱཊ་༦༥,༠༠༠ རེ་ ཐོན་སྐྱེད་འབད་ནི་ཨིན་པའི་གནས་ཚུལ།