གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ ལོ་༡༠ འཁོར་བའི་ དུས་དྲན་བརྩི་སྲུང་གི་དོན་ལུ་ ཁ་ཙ་ བདེ་སྲུངཔ་༥༠༠ གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ ལམ་བདའ་སྟེ་ སྟོན་པ་རྡོར་གདན་མའི་སྐུ་འདྲ་བཞུགས་སའི་ ས་ཁོངས་ཚུན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཞབས་བརྟན་ཡོད་མི་ རླུང་དར་༢,༠༠༠ འཕྱར་ཡོདཔ་ད་ རླུང་དར་ཚུ་ལུ་ རབ་གནས་དེ་ཡང་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ གནང་ཡོདཔ་ཨིན་པས།

རླུང་དར་ཚུ་ཡང་ བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་དང་ བདེ་སྲུང་ལས་སྡེའི་ འགོ་འདྲེན་ཐོག་ལུ་ འཕྱར་བའི་ལས་རིམ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ བདེ་སྲུངཔ་ཚུ་གིས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་རྣམ་༢ སྐུ་ཚེ་ཞབས་པད་བརྟན་ཏེ་ བཞུགས་ནི་གི་ སྨོན་འདེབས་ཕུལ་ཡོད་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *