ཁ་ཙ་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་ཤི་བ་ལ་ཡ་ མཱན་དིར་ལྷ་ཁང་ནང་ ཆིབས་སྐྱོད་ཐོག་ ཐུགས་སྨོན་གནང་ཡོདཔ་ད་ ལྷ་ཁང་དེ་ནང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་དང་ དུས་ཆེན་མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་མི་ དེ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ སྨོན་ལམ་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། མི་དབང་མཆོག་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་རྣམ་གཉིས་ བྱོན་ཡོདཔ་ད་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་གི་ འགོ་འདྲེན་པ་དང་ བཅའ་མར་གཏོགས་མི་ དེ་ལས་ ཁས་བླངས་པ་ཚུ་ལུ་ ལྟོ་ཁ་གནང་ཡོདཔ་མ་ཚད་ རྒྱལ་ཡོངས་དུས་ཆེན་ མཐར་འཁྱོལ་ཅན་བྱུང་མིའི་ནང་ ལྷན་ཐབས་དང་ ཕན་གྲོགས་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་གནང་ཡོད་པའི་གནས་ཚུལ།
