སྤྱི་ཟླ་༣ པའི་༧ དང་༨ ལུ་ སྤུ་ན་ཁ་ཁུ་རུ་ཐང་ལུ་ ཁྲིམས་སྡེའི་ཐབས་བྱུས་ཟིན་བྲིས་མཐའ་བཅད་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ ཁྲིམས་སྡེའི་ཐབས་བྱུས་ཟིན་འགོད་འབད་མི་དེ་ཡང་ ཁྲིམས་ཀྱི་གཙུག་སྡེའི་ནང་འཁོད་ལུ་ མཉམ་འབྲེལ་ཡར་དྲག་དང་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ རྩ་བརྟན་བཟོ་ཐབས་ལུ་ཨིན་པས། གོ་བསྡུར་ཞལ་འཛོམས་མཇུག་བསྡུའི་ རྟེན་འབྲེལ་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
