ཁྲིམས༌དང་འཁྲིལཝ་ ད་འབྲུག༌སྤྱིར༌དབང༌ ཚོགས༌པ༌ སྲིད་ ཚོགས་མེནམ།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཆ་མེད་བཏང་མི་ འབྲུག་སྤྱིར་དབང་ཚོགས་པ་དེ་ ཁྲིམས༌དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་མེནམ་ལས་ ཚོགས་པ་དེ་ ཧྲམ་སོཔ་ཨིནམ་སྦེ་ར་ ངོས་ལེན་འབད་དགོ་ཟེར་ཨིན་པས།

དེ་ཡང་ འབྲུག་སྤྱིར་དབང་ཚོགས་པ་ ཆ་མེད་སོང་བའི་ཤུལ་ལས་ ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པ་དེ་ ཆ་མེད་སོང་ཡོདཔ་མ་གཏོགས་ རྩ་གྲོལ་མ་འགྱོ་ནི་དེ་གིས་ ཚོགས་པ་ཧྲམ་མ་འགྱོ་ཟེར་བའི་སྐབས་ མི་མང་ཤོས་ཅིག་ མགུ་འཐོམ་བྱུང་ཡོདཔ་ཨིན་པས།

འབྲུག་སྤྱིར་དབང་ཚོགས་པ་དེ་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཆ་མེད་བཏང་སྟེ་ ཉིནམ་༢ ཀྱི་ཤུལ་ལས་ ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ བརྡ་བརྒྱུདཔ་ཚུ་ལུ་ སླབ་མིའི་ནང་ ཚོགས་པ་དེ་ ཆ་མེད་སོང་རུང་ མངོན་མཐོ་ཁྲིམས་འདུན་གྱིས་ རྩ་གྲོལ་མ་འབད་ནི་དེ་གིས་ ད་ལྟོ་ མ་ཧྲམ་པར་ཡོད་ཟེར་ཨིན་པས།

དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ བརྡ་བརྒྱུད་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ ཆ་མེད་བཏང་མི་དང་ རྩ་གྲོལ་བཏང་མི་༢ པོ་དེ་ དོན་དག་གཅིག་ཨིན་རུང་ གནས་སྟངས་དང་འཁྲིལ་ གོ་བ་ལེན་དགོ་ཟེར་ཨིན་པས།

འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ དོན་ཚན་༡༤༦ པའི་ནང་ སྲིད་དོན་ཚོགས་པ་ རྩ་གྲོལ་ཟེར་མི་དང་འཁྲིལ་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པའི་ ཐོ་དེབ་ནང་ལས་ སྲིད་དོན་ཚོགས་པ་ཅིག་གི་ མིང་བཏོན་གཏང་ཆོག་པའི་ གནད་དོན་༥ དེ་ཅིག་ ཡོད་མིའི་གྲས་ལས་ འབྲུག་སྤྱིར་དབང་ཚོགས་པ་དེ་ གལ་སྲིད་ཚོགས་པ་དེ་གིས་ ལྷན་ཚོགས་ལུ་ ཁོང་རའི་ ཚོགས་པའི་མིང་དེ་ སྲིད་དོན་ཚོགས་པའི་ ཐོ་དེབ་ནང་ལས་ བཏོག་གཏང་ནིའི་རེ་འདོད་ཀྱི་ བརྡ་ལན་འབད་བ་ཅིན་ ཆ་མེད་གཏང་ཆོག་ཟེར་བའི་ དོན་ཚན་ལུ་གཞི་བཞག་སྟེ་ ཆ་མེད་གཏང་ནི༌ཨིན་པས།

དེ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ སྲིད་དོན་ཚོགས་པ་རྩ་གྲོལ་དེ་ གལ་སྲིད་ སྲིད་དོན་ཚོགས་པའི་དམིགས་ཡུལ་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ལས་འགལ་བ་དང་ ཕྱིའི་འབྱུང་ཁུངས་ལས་ མ་དངུལ་གྲོགས་རམ་ལེན་ཡོདཔ་ དེ་ལས་ བཙག་འཐུའི་བཅའ་ཁྲིམས་ལས་འགལ་བའི་ གནད་དོན་ཚུ་གི་ཐོག་ལུ་ རྩ་གྲོལ་གཏང་ནི་ཨིན་པས།

མངོན་མཐོ་ཁྲིམས་འདུན་གྱིས་ སྲིད་དོན་ཚོགས་པ་དེ་ ཁྲིམས་ལུགས་ལས་འགལ་བའི་ གནད་དོན་ཚུ་ཡོད་པ་ཅིན་ རྩ༌གྲོལ༌གཏང་ནི་ཨིནམ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ༌དེ་ ཚོགས་པའི་ཁྱད་ཆོས་མ་ཚང་མི་དང་ ལམ་ལུགས་དང་མ་མཐུན་པ་ཅིན་ ཆ༌མེད༌བཏང་དོ་ཡོདཔ་ཨིན་རུང་ མཐར་ཐུག་ལུ་ དོན་དག་ཅིག་ཨིན་མི་དེ་ རྩ་གྲོལ་དང་ཆ་མེད་ གང་རུང་ཅིག་གཏང་རུང་ ཚོགས་པ་དེ་ ཧྲམ་ཡོདཔ་ཨིན་པའི་ གོ་དོན་ལེན་དགོཔ་ཨིན་པས།

འབྲུག༌སྤྱིར༌དབང༌ཚོགས༌པ༌ ཆ༌མེད༌ བཏང༌མི༌དེ༌ ཚོགས༌པའི༌གཙོ༌འཛིན༌དང༌ འཐུས༌ མི༌ཚུ༌གིས༌ ཆ༌མེད༌གཏང༌ནི༌སྦེ༌ བཙག༌འཐུ༌ལྷན༌ ཚོགས༌ལུ༌ སྤྱི༌ཟླ༌༢ པའི༌ཚེས༌༢༠ ལུ༌ ཡི༌གུ༌ བཙུགས༌ པའི༌ཤུལ༌ལས༌ ཆ༌མེད༌བཏང༌ཡོདཔ༌ བཞིན༌དུ༌ ཆ༌མེད༌གཏང༌གནང༌ཟེར༌ སླབ༌མི༌དེ༌ སྤྱི༌ ཚོགས༌༣ པའི༌ བཙག༌འཐུ༌ནང༌ བཅའ༌ མར༌གཏོགས༌ནིའི༌དོན༌ལུ༌ རྒྱལ༌ཁམས༌ལས༌ མ༌དངུལ༌གྱི་ རྒྱབ༌སྐྱོར༌མེད༌ནི༌དེ༌གིས༌ ཨིན༌ ཟེར༌ཨིན༌པས།

འབྲུག༌སྤྱིར༌དབང༌ཚོགས༌པ༌ལུ༌ རྒྱལ༌ ཁམས༌ལས༌ མ༌དངུལ༌གྱི་རྒྱབ༌སྐྱོར༌ མི༌ འཐོབ༌ནི༌ཨིན༌མི༌དེ༌ཡང༌ སྤྱི༌ལོ༌༢༠༡༣ ལུ༌ འགོ༌ཐོག༌བཙག༌འཐུའི༌སྐབས༌ ཚོགས༌པ༌གིས༌ ཚོགས༌རྒྱན༌ཡོངས༌བསྡོམས༌ལས༌ བརྒྱ༌ཆ༌༡༠ མ༌ཐོབ༌ནི༌དེ༌གིས༌ཨིནམ༌ད༌ རྩ༌ཁྲིམས༌ཆེན༌མོའི༌ དགོངས༌དོན༌དང༌ འཁྲིལ༌བ༌ཅིན༌ སྲིད༌དོན༌ ཚོགས༌པ༌ གང༌རུང༌ ཅིག༌གིས༌ ཤུལ༌མའི༌ བཙག༌འཐུ༌ནང༌ བཅའ༌ མར༌གཏོགས༌ དགོ༌པ༌ཅིན༌ ཚོགས༌རྒྱན༌ ཡོངས༌བསྡོམས༌ ལས༌ ཉུང༌ཤོས༌བརྒྱ༌ཆ༌༡༠ འཐོབ༌དགོ༌ཟེར༌ ཨིན༌པས།

སྲིད༌དོན༌ཚོགས༌པ༌མཉམ༌བསྡོམས།

འབྲུག༌སྤྱིར༌དབང༌ཚོགས༌པ༌ ཆ༌མེད༌ སོང༌བའི༌ཤུལ༌ལས༌ ལི༌ལི༌དབང༌ཕྱུག༌གིས༌ བརྡ༌བརྒྱུདཔ༌ཚུ༌ལུ༌ སླབ༌མིའི༌ནང༌ ཚོགས༌པ༌དེ༌ འབྲུག༌ཕུན༌སུམ༌ཚོགས༌པ༌དང༌གཅིག༌ཁར༌ མཉམ༌བསྡོམས༌འབད༌ཡི ཟེར༌ཨིནམ༌ད་ ད༌ལས༌ཕར༌ ཚོགས༌པའི༌ ལྟ༌བ༌དང༌ གཞི༌རྩ༌དེ༌ཡང༌ འབྲུག༌ཕུན༌སུམ༌ ཚོགས༌པ༌དང་གཅིག༌ཁར༌ ལག༌ལེན༌འཐབ༌ ནི༌ཟེར༌ཨིན༌པས།

དེའི༌ཤུལ༌ལས༌ འབྲུག༌ཕུན༌སུམ༌ཚོགས༌ པ༌གིས་ གནས༌ཚུལ༌གསར༌བཏོན༌འབད་མི་དང༌འཁྲིལ༌བ༌ཅིན༌ ཚོགས༌པ༌༢ མཉམ༌ བསྡོམས༌འབད༌ནི༌དེ༌ འོས༌འབབ༌མ༌ མཐོངམ༌ ལས༌ ལི༌ལི༌དབང༌ཕྱུག༌དང༌ འཐུས༌མི༌གཞན༌ ཚུ༌ འབྲུག༌ཕུན༌སུམ༌ཚོགས༌པའི༌འཐུས༌མི༌སྦེ༌ བཅའ༌མར༌གཏོགས༌ནིའི༌ གོ༌ སྐབས༌ བྱིན༌ ནི༌ཨིན༌རུང༌ དེ༌ཡང༌ ཚོགས༌ པའི༌ལམ༌ ལུགས༌དང༌ འཁྲིལ༌དགོ༌ཟེར༌ཨིན༌པས།

དེ༌འབདཝ༌ལས༌ འབྲུག༌མི༌སྤྱིར༌བཏང༌གི༌ མནོ༌བསམ༌ལུ༌ སྲིད༌དོན༌ཚོགས༌པ༌༢ མཉམ༌བསྡོམས༌འབད༌ནུག༌ཟེར༌བའི༌ལོ༌རྒྱུས༌ དར༌ ཁྱབ༌སོང༌ཡོདཔ༌ཨིན༌རུང༌ བཙག༌འཐུ༌ལྷན༌ ཚོགས༌ཀྱི༌ བརྡ༌བརྒྱུད༌མགྲིན༌ཚབ༌ བསོད༌ནམས༌སྟོབས༌རྒྱས༌ཀྱིས༌འབད༌བ༌ཅིན༌ མཉམ༌ བསྡོམས༌འབད༌བའི༌གྲངས༌སུ༌ མི༌ཚུད༌ཟེར༌ ཨིན༌པས།

ཁོ༌གིས༌འབད༌བ༌ཅིན༌ གལ༌སྲིད༌སྲིད༌དོན༌ཚོགས༌པ༌ཅིག༌གི༌ལྟ༌བ༌དེ༌ འབྲུག༌གི༌བཙག༌འཐུ༌ ལྷན༌ཚོགས༌ལས༌ གནང༌བ༌ཞུ༌ཐོག༌ལས༌ སྲིད༌ དོན༌ཚོགས༌པ༌གཞན༌མི༌ཅིག༌གི༌ བཀའ༌ ཁྲིམས༌ནང༌བཙུགས༌པ༌ཅིན༌ མཉམ༌བསྡོམས༌ཀྱི༌གྲངས༌སུ༌ཚུད༌ནི༌ཨིན༌རུང༌ ད༌ཚུན༌ དེ༌ བཟུམ༌ གྱི༌གནས༌སྟངས༌ ཐོན༌ཐོནམ་མེད༌ཟེར༌ཨིན༌པས།

སྲིད༌དོན༌ཚོགས༌པ༌ཚུ༌གིས༌ དེ༌བཟུམ༌ གྱི༌དགོངས༌དོན༌ལས༌འགལ༌བའི༌ ལཱ༌བྱ༌འཐབ༌ པ༌ཅིན༌དེ༌ནང༌འབྲེལ༌གཏོགས༌ཡོད༌མི༌ ག༌ར་ཨིན༌རུང༌ འགན༌འཁྲི༌འབག༌དགོ༌ཟེར༌ ཨིན༌པས།

སྲིད༌དོན༌ཚོགས༌པ༌མཉམ༌བསྡོམས༌ཀྱི༌ འཐོར༌གཏམ༌དེ༌ སྤྱི༌ལོ༌༢༠༡༣ གྱི༌ འགོ༌ ཐོག༌བཙག༌འཐུའི༌སྐབས༌ འབྲུག༌མཉམ༌ རུབ༌ཚོགས༌པའི༌འཐུས༌མི༌ ལ༌ལོ༌ཅིག་ མི༌ སེར༌དམངས༌གཙོ༌ཚོགས༌པ༌ནང༌ འཛུལ༌ ཞུགས༌འབད༌བའི༌ཤུལ༌ལས༌ བྱུང༌ཡོདཔ༌ ཨིན༌རུང༌ དེ༌མཉམ༌བསྡོམས༌མེན༌ཟེར་ཨིན་པས།

བཙག༌འཐུའི༌བཅའ༌ཁྲིམས༌དང༌འཁྲིལ༌བ༌ཅིན༌ མི༌ངོམ༌དེ༌ སྤྱིར༌བཏང༌བཙག༌འཐུའི༌ དོ༌འགྲན༌དོན༌ལུ༌ མཐར༌འཁྱོལ༌མ༌ཚུགས༌མི༌ཐོ༌བཀོད༌གྲུབ༌པའི༌ སྲིད༌དོན༌ཚོགས༌པའི༌ འཐུས༌ མི༌ཨིན༌རུང༌ སྤྱིར༌བཏང༌བཙག༌འཐུ་ནང༌ དོ༌འགྲན༌འབད༌ནི༌ལུ༌ སྲིད༌དོན༌ ཚོགས༌པ༌ གཅིག༌གིས༌ འཐུས༌མི༌དང༌ གདམ༌ངོ༌སྦེ་ བཙུགས༌ཡོདཔ༌ཨིན༌རུང༌ ཁོ༌/མོ༌རའི༌ ཧེ༌ མའི༌སྲིད༌དོན༌ཚོགས༌པ༌ལས༌ འཐུས༌མིའི༌ འགན༌དབང༌དེ༌ ཆ༌མེད༌གཏང༌ དགོ༌ཟེར༌ ཨིན༌པས།

དོན༌ཚན༌དང༌འཁྲིལ༌བ༌ཅིན༌ སྲིད༌ཚོགས༌ གཅིག༌གི༌འཐུས༌མི༌ཚུ༌ སྤྱིར༌བཏང༌བཙག༌ འཐུ༌ནང༌ ཚོགས༌པ༌གཞན༌ཅིག༌གི༌ འཐུས༌ མི༌སྦེ༌ འཛུལ༌ཞུགས༌འབད༌བ༌ཅིན༌ ཧེ༌ མའི༌ཚོགས༌པ༌ལས༌ ཆ༌མེད༌འགྱོ༌དགོ༌ཟེར༌ ཨིན༌པའི༌གནས༌ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *