༉ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ཨེསི་ཨར་པི་ཨེཕ་ཟེར་ དམིགས་བསལ་སྲུང་སྐྱོབ་ཁྲིམས་སྲུང་འགག་སྡེའི་ ཕུཊ་བཱོལ་གྱི་ མཐའ་བཅད་འགྲན་བསྡུར་ནང་ དགེ་འདུ་མཐོ་རིམ་སློབ་གྲྭ་སྡེ་ཚན་གྱིས་ མེ་ག་༡༡ སྡེ་ཚན་ལས་ རྒྱལ་ཁ་ཐོབ་སྟེ་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཐོབ་ཡོདཔ་ད་ ཨང་༢ པ་ཐོན་མི་ སྡེ་ཚན་གྱིས་ དངུལ་ཀྲམ་༣༠,༠༠༠ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༧ ལས་ འགོ་བཙུགས་མི་ ཕུཊ་བཱོལ་རྩེད་འགྲན་དེ་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོདཔ་ད་ རྩེད་འགྲན་དེ་ཡང་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་དྲན་བརྩི་སྲུང་དང་ ཁྲིམས་སྲུང་འགག་སྡེ་དང་ མི་མང་གི་བར་ན་ མཐུན་འབྲེལ་ཡར་རྒྱས་གཏང་ཐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ ཆུ་ཁ་བཀྲིས་དགའ་ཚལ་ལུ་ཡོད་མི་ དམིགས་བསལ་སྲུང་སྐྱོབ་འགག་སྡེ་གིས་ དངོས་གྲུབ་རྩེ་རྩེད་རིགས་ཚོགས་པ་དང་ མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
