བཀྲིས་སྒང་དང་ ཡོན་ཕུ་ལའི་བར་ན་ གཞུང་ལམ་གྱི་ ཟུར་ཁར་རྐྱབ་མི་ སྦ་སྒོར་ཚུ་གི་གྲས་ལས་ གཅིག།

ཁྲིམས་འགལ་ཐོག་ལས་རྐྱབ་མི་ སྦ་སྒོར་ཚུ་ བརྡལ་བཤིག་གཏང་དགོཔ།

༉ བཀྲིས་སྒང་རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༥ པའི་ཚེས་༥ ལུ་ བཀྲིས་སྒང་དང་ ཡོན་ཕུ་ལའི་བར་ན་ གཞུང་ལམ་བདའ་སྟེ་ ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་འབད་མི་ སྦ་སྒོར་གྱི་ཇོ་བདག་༢༢ ལུ་ ཡི་གུ་བཏང་ཡོདཔ་ཨིན་པས།
ཡི་གུ་དང་འཁྲིལཝ་ད་ བཟོ་སྐྲུན་འབད་མི་ སྦ་སྒོར་ཚུ་ག་ར་ བརྡལ་གཏང་དགོཔ་སྦེ་ཨིནམ་ད་ ཡི་གུ་བཏང་སྟེ་ ཟླཝ་༢ ཀྱི་ནང་འཁོད་ལུ་ བརྡལ་མ་གཏང་པ་ཅིན་ རྫོང་ཁག་བདག་སྐྱོང་གིས་ གནད་དོན་དེ་ ཁྲིམས་འདུན་ལུ་ གཏང་ནི་ཨིན་ཟེར་ཨིན་པས།
རྫོང་ཁག་དང་ ལམ་སེལ་ལས་ཁུངས་ ནགས་ཚལ་ལས་ཁུངས་ དེ་ལས་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལྟ་ཞིབ་འབད་བའི་སྐབས་ གཞུང་ལམ་རྒྱ་སྐྱེད་འབད་ནིའི་དོན་ལུ་ གཞུང་ལམ་གྱི་ གཡས་གཡོན་ཁ་ཐུག་ལས་ མི་ཊར་༥༠ འི་ནང་ཚུད་མི་ བཟོ་སྐྲུན་གྱི་རིགས་ཚུ་ བརྡལ་བཤིག་གཏང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
གཏན་འཇགས་དང་ གནས་སྐབས་ཀྱི་དོན་ལུ་ བཟོ་སྐྲུན་འབད་མི་དང་ གཞུང་ས་ནང་ བཟོ་སྐྲུན་འབད་མི་ཚུ་ རྩ་བ་ལས་ར་ བརྡལ་གཏང་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ ཁྲིམས་འགལ་ཐོག་ བཟོ་སྐྲུན་༢༢ འབད་མིའི་གྲས་ལས་༡༠ གཞུང་ས་ནང་ རྐྱབ་ཡོད་པའི་ཁར་ གཞུང་ལམ་གྱི་ཕྱི་ཁར་ལས་ ཕིཊ་༥༠ གི་ཕྱི་ཁར་ བཟོ་སྐྲུན་འབད་དགོ་པའི་ ལམ་ལུགས་དང་མ་འཁྲིལ་བའི་ཁར་ ལྷག་ལུས་༡༠ གྱིས་ གཞུང་ལམ་གྱི་ལྟེ་བ་ལས་ ཕིཊ་༥༠ མེད་པའི་ས་ཁོངས་ནང་ རྐྱབ་སྟེ་ཡོདཔ་ཨིན་པས།
བཟོ་སྐྲུན་འབད་མི་ཚུའི་གྲས་ལས་ མང་ཤོས་ར་ སྦ་སྒོར་ཡོད་མི་ཚུ་ཡང་ གཞུང་ལམ་བདའ་སྟེ་ སྣ་ཚོགས་ཚོང་ཁང་དང་ རྡོག་མ་ཚོང་ཁང་སྦེ་ ལག་ལེན་འཐབ་མི་ཚུ་ཨིན་པས།
རྫོང་ཁག་ས་ཆ་ཐོ་བཀོདཔ་ སངས་རྒྱས་བཟང་མོ་གིས་ སླབ་མིའི་ནང་ རྫོང་ཁག་གིས་ ཇོ་བདག་ཚུ་ལུ་ ཡི་གུ་ཡང་བསྐྱར་བཏང་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིནམ་ད་ ད་རེས་ ཐེངས་༣ བཏང་མི་ ཡི་གུ་དེ་ མཇུག་ཨིན་ཟེར་ཨིན་པས།
ལྟ་ཞིབ་འབད་བའི་སྐབས་ བཟོ་སྐྲུན་གྱི་གནང་བ་ཚུ་ག་ར་ བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ བྱིན་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཚོང་ཁང་ཅིག་གི་ཇོ་བདག་ ལས་སྐྱིད་དབང་མོ་གིས་ བཤད་མིའི་ནང་ རྒཔོ་གི་གནང་བ་དང་འཁྲིལ་ མོ་གིས་ ཧེ་མ་ཡོད་མི་ཚོང་ཁང་དེ་ གཞུང་ལམ་གྱི་ ཉེ་འདབས་ལུ་ཡོད་ནི་དེ་གིས་ སྒོ་བསྡམས་པའི་ཤུལ་ལས་ ད་ལྟོའི་ས་གོ་ནང་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
རོང་ཐུང་ལས་ བཀྲིས་དབང་འདུས་ཀྱིས་ བཤད་མིའི་ནང་ ཁོ་གིས་ གཞུང་ལམ་གྱི་འོག་ལུ་ ཕིཊ་༣༢ གི་ས་ཁོངས་ནང་ སྦ་སྒོར་རྐྱབ་མི་དེ་ལུ་ རྒཔོ་གིས་བཏུབ་ཟེར་ སླབ་ཡོདཔ་ཨིན་རུང་ གཞུང་ལམ་གྱི་ལྟག་ལུ་ རྐྱབ་ནི་ཨིན་པ་ཅིན་ ཕིཊ་༥༠ དགོ་ཟེར་ སླབ་དེས་ཟེར་ཨིན་པས།
ཁོ་གིས་ ཐོག་ཚད་༡ འབད་མི་ཁྱིམ་དེ་ ལོ་༦ གི་ཧེ་མར་ རྐྱབ་ཡོདཔ་ད་ དེ་ཡང་ དེ་བཟུམ་མའི་ ལམ་ལུགས་དང་ཁྲིམས་ལུགས་ཡོད་པའི་སྐོར་ལས་ མ་ཤེས་ཟེར་ ཁོ་གིས་བཤད་པའི་ཁར་ ད་ལྟོ་ ཁྱིམ་སྤོ་ནི་དེ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིནམ་ད་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཞུང་ལམ་རྒྱ་སྐྱེད་འབད་བའི་སྐབས་ བཟའ་ཚང་ཚུ་ལུ་ གཞུང་ལམ་གྱི་ལྟེ་བ་དང་ ཁྱིམ་གྱི་བར་ན་ ཕིཊ་༥༠ བཞག་དགོ་པའི་སྐོར་ལས་ སླབ་ཅི་ཟེར་ཨིན་པས།
འཆི་མེད་དབང་མོ་གིས་ རོང་ཐུང་ལས་ཐོན་མི་ ནང་འཁོད་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལུ་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་སྟེ་ཡོདཔ་ད་ དེ་ཡང་ ས་ཆ་དེ་ ལག་ལེན་མེད་པར་ཡོད་ནི་དེ་གིས་ རྒཔོ་ལས་ གནང་བ་ལེན་ཏེ་ རྐྱབ་ཅི་ཟེར་ཨིན་པས།
ང་ར་ ཨ་ལོ་༣ གསོ་ནིའི་དོན་ལུ་ ཚོང་ཁང་ཆུང་ཀུ་ཅིག་ལས་མེད་མི་དེ་ སྒོ་བསྡམ་དགོ་པ་ཅིན་ ལཱ་ཁག་རྐྱབ་ནི་མས་ཟེར་ མོ་གིས་སླབ་པའི་ཁར་ མོ་རའི་བཟའ་ཚང་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ར་ ཚོང་ཁང་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ བཟོ་སྐྲུན་འབད་མི་ ཇོ་བདག་ལ་ལོ་ཅིག་ལས་ ཚོང་ཁང་དེ་བཟུམ་བཙུགས་ནིའི་དོན་ལུ་ ཏི་རུ་ལེན་ཡོད་པའི་ཁར་ རྒཔོ་ཀུན་བཟང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་བཙོང་སའི་ ས་ཁོངས་མང་ཤོས་ར་ ལག་ལེན་མེད་པར་ཡོདཔ་ལས་ མི་སེར་ཚུ་གིས་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ དགོ་པའི་ཞུ་བ་འབད་བའི་ཤུལ་ལས་ ལག་ལེན་མེད་པར་བཞགཔ་ལས་ སྤྱོད་པ་ཅིན་ དྲག་ནི་མས་མནོ་སྟེ་ བྱིན་ཡི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཁོ་གིས་བྱིན་མི་གནང་བ་དེ་ གནས་སྐབས་ཀྱི་དོན་ལུ་ཨིན་པའི་ཁར་ ཁོ་གིས་ ཡི་གུ་ནང་ ས་ཆ་དེ་ གཞུང་ས་ཨིནམ་ལས་ གཏན་འཇགས་ཀྱི་བཟོ་སྐྲུན་ཚུ་ ག་ནི་ཡང་ འབད་མ་ཆོགཔ་སྦེ་ ཁ་གསལ་སྦེ་ བཀོད་དེ་ཡོད་ཟེར་ཨིནམ་ད་ གཞུང་གིས་ ཚུལ་ལྡན་མེདཔ་མཐོང་པ་ཅིན་ བརྡལ་གཏང་ནི་ཨིན་ཟེར་ ཡི་གུ་ནང་ བཀོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ རྒེད་འོག་གིས་ ཚོང་པ་ལ་ལོ་ཅིག་ལས་ ཏི་རུ་ལེན་མི་དེ་ ཤུལ་ལས་ མི་ཚུ་གིས་ གཞུང་ས་དེ་ ཁོང་གི་ས་ཆ་ཨིནམ་སྦེ་ ཐོབ་བརྗོད་མི་བཀོད་ནིའི་དོན་ལུ་ ལེན་ཡོད་པའི་ཁར་ མ་དངུལ་དེ་ཡང་ རྒེད་འོག་གི་རྩིས་ཁྲ་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་དབང་ཕྱུག་གིས་ བཤད་མིའི་ནང་ མ་འོངས་པ་ལུ་ དེ་བཟུམ་མའི་ སྟབས་མ་བདེཝ་ཚུ་ མི་འཐོན་ནིའི་དོན་ལུ་ ལམ་ལུགས་ཚུལ་ལྡན་ཅིག་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཁྲིམས་འགལ་ཐོག་ལས་ ལཱ་འབད་མི་ཚུ་ དུས་རྒྱུན་དུ་ བཅོ་ཁ་རྐྱབ་སྟེ་ སྡོད་མི་ཚུགས་ཟེར་ཨིན་པས།
ལམ་ལུགས་ཚུ་ག་ར་ ལེགས་བཅོས་འབད་དོ་ཟེར་ཨིནམ་ད་ མ་འོངས་པ་ལུ་ དེ་བཟུམ་མའི་ གནང་བ་བྱིན་ནིའི་དབང་ཚད་དེ་ རྫོང་ཁག་བདག་སྐྱོང་གིས་ ལེན་ནི་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ བཟོ་སྐྲུན་དང་ ས་མཚམས་བཀལ་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་ལས་ གནང་བ་ལེན་དགོ་པའི་ཁར་ ཁྱིམ་༢༢ རྐྱབ་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་ལས་ གནང་བ་ག་ནི་ཡང་ མ་ལེན་པར་ རྒཔོ་གིས་ ཐག་བཅད་དེ་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *