ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བུམ་ཐང་ ཆོས་འཁོར་- སྟང་།

པདྨ་རྒྱ་མཚོ།
སྐྱེས་ལོ་༥༧
ཉམས་མྱོང་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ།
ཤེས་ཚད་ རང་བཞིན་ཚན་རིག་ནང་ མཁས་དབང་།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ ནང་སླབ?
བརྟན་ཏོག་ཏོ་དང་ འབྲེལ་བ་འཐབ་ཚུགས་པའི་མི་ཅིག་ཨིན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི།
རྒྱལ་སྤྱི་དང་ ནང་འཁོད་ཀྱི་མི་ཚུ་གི་དོན་ལུ་ བུམ་ཐང་ཁྲོམ་གོང་འཕེལ་གཏང་ནི་དེ་ གཙོ་རིམ་དང་པ་བཟུང་ནི།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་འགོ་འདྲེན་འཐབ་མི་ལུ་ ངལ་རངས་ཡོད་རུང་ འདེམས་ཁོངས་ཚུ་ནང་ འབྲེལ་བ་འཐབ་པའི་སྐབས་ ཁ་སྐད་དང་དུས་ཚོད་ལུ་ ལངམ་སྦེ་མེད་མི་དེ་ལུ་ སྟབས་མ་བདེཝ་སྦེ་ མཐོངམ་མས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རང་མགོ་རང་འདྲོངས་བཟོ་ཐབས་ལུ་ དཔལ་འབྱོར་གོང་འཕེལ་མེད་མི་དེ་ཨིན།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་སེར་ཚུ་གིས་ ང་ངོ་ཤེས་པའི་ཁར་ ཡིད་ཆེས་ཡོདཔ་ད་ ངེ་གི་ལྕོགས་གྲུབ་ལས་བརྟེན་ རྒྱལ་ཁབ་དང་མི་སེར་དོན་ལུ་ ཕྱག་ཞུ་ཚུགས་ཟེར་བའི་ བློ་གཏད་ཡོད།

ཁྱོད་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ཚོགས་པ་གཞན་ག་ར་ལུ་ གཅིག་མཐུན་དང་བདེ་སྐྱིད་ དེ་ལས་ མཉམ་འབྲེལ་བཞག་ཐབས་ལུ་ འབྲེལ་བ་འཐབ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ དགོཔ་འདུག་ག་མིན་འདུག?
ལེགས་ཤོམ་སྦེ་ ལག་ལེན་འཐབ་པ་ཅིན་ ཕན་ཐོགས་ཡོད་རུང་ ལག་ལེན་འཐབ་མ་ཤེས་པ་ཅིན་ གནོད་པ་ཡང་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *