ཐིམ་ཕུག་ ལྷོ།
ཀུན་ལེགས་ཚེ་རིང་།
སྐྱེས་ལོ་ ༤༡།
ཉམས་མྱོང་ ཁྱད་རིག་ཅན་གྱི་ དངུལ་འབྲེལ་བ། རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ སྒེར་དོན་འགོ་དཔོན། འབྲུག་དངུལ་ཁང་ནང་ སྐྱིན་འགྲུལ་འགོ་དཔོན། བཀྲིས་དངུལ་ཁང་གི་ དངུལ་འབྲེལ་ལས་སྡེ་ནང་ འཛིན་སྐྱོང་འགོ་དཔོན།
ཤེས་ཚད་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
མཐུན་ཏོག་ཏོ་དང་ དྲང་བདེན་ བརྩོན་ཤུགས་ཅན།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
འཐུང་ཆུ་དང་ འཁོར་ལམ་ ཕྱག་སྙིགས་འཛིན་སྐྱོང་ འབད་ནི་ཚུ་ཨིན།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
ང་རའི་ འདེམས་ཁོངས་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་དེ་ སེམས་དགའ་བས། མཉམ་རུབ་ཚོགས་པ་གིས་ ཐབས་ཆག་པའི་ སྐུལ་བསྒྲགས་འབད་མི་དེ་ མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ཀྱི་བུ་ལོན་དེ་ལུ་ ང་ར་ ཚ་གྱང་ལང་དོ་ཡོདཔ་ལས་ གདོང་ལེན་སྦོམ་ཤོས་དེ་ཨིན།
མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ར་ བརྩོན་ཤུགས་ཅན་དང་ ཕྲང་ཏང་ཏ་ དེ་ལས་ འཇམ་ཏོང་ཏོ་ཨིནམ་ལས་ མི་སེར་ཚུ་གི་ གནོད་དོན་དེ་ཚུ་ མ་ཚང་པའི་འགོ་ཁྲིདཔ་ཅིག་ འཚོལ་བ་ཅིན་ མི་ངོམ་དེ་ ང་མེན།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འཐུང་ཆུ་མ་ལང་པའི་དཀའ་ངལ་བསལ་ནི་དང་ ཕྱག་སྙིགས་ཀྱི་གནད་དོན་ ད་ལྟོ་ཡོད་པའི་འཁོར་ལམ་ ཉམས་བཅོས་འབད་ནི་ཚུ་ཨིན།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ཕན་གནོད་༢ ཆ་ར་འདུག